彭洛_色达中学(藏文版)歌词 色达中学(藏文版)LRC歌词
色达中学 - 彭洛
གཞས་ཚིག བུ་ཡུག
词 :邬雨
གཞས་གདངས། ཕུན་ལོ།
曲:彭洛
ཨ་་་་་ཨ་་་་་ཨ་་་་་་་་་ཨ་་་་་ཡབ་ཆེན་གྱི་རྒྱབ་རི་སྨུག་པོ།།
ཨ་་་་་་་ཨ་་་་་་་ཨ་་་་་་་ཨ་་་་་་ཡུམ་ཆེན་གྱི་རེ་བའི་མར་ལོ།།
རིགས་རྒྱུད་ཀྱི་དམུ་ཐག་འབྲེལ་ས།
སྐད་ཡིག་གི་གསེར་འོད་འཕྲོ་ས།
ཁྱོད་ཀྱི་མཁའ་དབྱངས་སུ་སྙིང་སྟོབས་ཀྱི་རི་དར་གཡོ།
ཁྱོད་ཀྱི་ས་གཞི་རུ་ཐབས་ཤེས་ཀྱི་མེ་ཏོག་བཞད།
ཤ་གསང་གི་གཞས་ཚིག་གསོན་པོ།
རུས་གསང་གི་དབྱངས་རྟ་སྙན་མོ།
གསེར་རྟ་སློབ་འབྲིང་། ང་ཡི་གསེར་རྟ་སློབ་འབྲིང་།
ང་ཡི་གསེར་རྟ་སློབ་འབྲིང་།
དབལ་ཤུལ་བའི་རེ་འབྲས་ཀྱི་ས་བོན་ཁྱོད་ཡིན།
མཐོ་སྒང་འདིའི་རིགས་རྒྱུད་ཀྱི་རླུང་རྟ་ཁྱོད་ཡིན།
ཨ་་་་་་་་ཧོ་ཡེ་ཡེ་་་་་གསེར་རྟ་སློབ་འབྲིང་།
ཨ་་་་་་་་་ཧོ་ཡེ་ཡེ་་་་་་་་་་་་་་ང་ཡི་གསེར་རྟ་སློབ་འབྲིང་།
ང་ཡི་གསེར་རྟ་སློབ་འབྲིང་།
དབལ་ཤུལ་བའི་རེ་འབྲས་ཀྱི་ས་བོན་ཁྱོད་ཡིན།
མཐོ་སྒང་འདིའི་རིགས་རྒྱུད་ཀྱི་རླུང་རྟ་ཁྱོད་ཡིན།
ཨ་་་་་ཨ་་་་་ཨ་་་་་་་་་ཨ་་་་་ཡབ་ཆེན་གྱི་རྒྱབ་རི་སྨུག་པོ།།
ཨ་་་་་་་ཨ་་་་་་་ཨ་་་་་་་ཨ་་་་་་ཡུམ་ཆེན་གྱི་རེ་བའི་མར་ལོ།།
ཞེན་ཆགས་ཀྱི་རུས་པ་སྤར་གང།
འབྱུང་འགྱུར་གྱི་རྣམ་ཤེས་ལྷས་གང་།
ཁྱེད་་ཀྱི་མཁའ་དབྱིངས་སུ་ཨ་ཡི
本文标题:彭洛_色达中学(藏文版)歌词 色达中学(藏文版)LRC歌词 网址:https://www.265e.com/tab/472078.html
《彭洛_色达中学(藏文版)歌词 色达中学(藏文版)LRC歌词》相关曲谱及歌词来源于互联网或网友上传分享,仅供个人学习、交流、欣赏使用,版权归属原作者所有,如有侵犯到您的权益,请联系我们,我们会及时处理。
本站致力于收集、整理、分享对用户有用的专业歌谱,如果您发现本站有错误内容、不当内容,请联系告知我们,我们将在收到后第一时间删除。